་་་་་་་་་་་་་་་་་དེང་དུས་ཕོ་མོ

                                  
དུས་རབས་ཉེར་གཅིག་འདི་ན་གནས་པའི་ཕོ་མོ་ཐ་དག
དེང་དུས་སྲོལ་ལ་བཞུགས་པ་ནོར་འཁྲུལ་གང་ཡང་མེད་དོ།
ཡིན་ཡང་ཞོར་ལ་བོད་ཀྱི་ལུགས་སྲོལ་གཤིས་སྤྱོད་ཐོག་ལ།
དོ་གལ་ཏོག་ཙམ་སྤྲོད་ན་ནོར་འཁྲུལ་དེ་བས་མེད་དོ།



          གལ་ཏེ་དོ་གལ་སྤྲོད་ནས་ཉམས་ལེན་བྱེད་པ་གྱུར་ན།
        རང་ཙམ་མ་ཟད་རྒྱལ་ཁབ་གཟི་བརྗིད་ལྡན་པ་གྱུར་ངེས།
       ཡིན་ཡང་རང་རེའི་འདོད་པས་དབང་གི་བྱེད་མཁན་དཀའ་ཙང་།
      གཞི་ལུས་ཡུལ་མི་བཅོལ་བས་རེ་བ་སྒྲུབ་ཐབས་མེད་ཨང་།

དིང་རབས་རྟག་ཤར་གཞོན་དང་སྨན་ཆུང་བུ་མོ་རྣམས་པ།
དེང་དུས་སྲོལ་ལ་ཉུང་ཙམ་བཞུག་ནས་བསམ་བློ་གཏོང་དང་
ང་ཚོའི་གངས་ལྗོངས་ཆོས་ལྡན་ཞིང་ཁམས་འདི་ཡི་ནང་དུ།
རྒྱ་འོག་མནར་བའི་ཡུལ་མི་རྣམས་ལ་བསམ་གཞི་བྱེད་དང།

                        སོང་ཙང་སྐབས་འབབ་རྩ་ཆེན་དུས་ཚོད་དེ།
                         ཆུད་ཟོས་ནམ་ཡང་མ་གཏོང་ཐབས་ཤས་བྱེད།
                        སློབ་ལ་བརྩོན་ནས་ཧུར་ཐག་ལྷད་མེད་གནང།
                             གངས་ལྗོངས་ཆོས་ལྡན་ཞིང་དེར་ལོགག་པས་རྨི་ལམ་སྒྲུབ།།


Comments

  1. This comment has been removed by the author.

    ReplyDelete
  2. ཡག་པོ་འདུག་་་་་་མུ་འཐུག་ནས་འབྲིས་རོག་གནང་་་་་

    ReplyDelete

Post a Comment