མ་ཡུམ་བྷུན་ཏར།
གནས་འདིར་འབྱོར་ནས་བདུན་ཤས་ཕྱིན། ཚ་བའི་མནར་གཅོདེ་ལྷད་མེད་གཏོང། ནད་གཞི་འདྲ་མིན་ལུས་པོར་ཟུགས། ཟུགས་པས་ཡིད་ཆུང་དེ་དག་གི། མ་ཡུམ་བྷུན་ཏར་སྷག་པར་དྲན། ཐབ་ཆུང་མེ་ཚར་འཚོ་བས་ཁྱིམ་གཞི་ནང། ཕན་ཚུན་ངོ་ཤེས་སྙིང་གཏམ་བརྗོད་པར་བྱེད། འདི་གར་ཝར་ན་འབྱོར་བས་དུས་སྐབས་ནས། ཚང་མ་ག་ཆ་འདི་ཆ་མེད་པར་འགྱུར། དུས་བཟང་དེ་རྣམས་ཕྱིར་དྲན་བྱེད་འགྱུར་ན། མ་ཡུམ་དྲིན་ཆེན་བྷུན་ཏར་ཤིན་ཏུ་དྲན། ཁྱིམ་གཞི་ཆུང་ནས་ཁྱིམ་ཚང་ཆེ་རུ་སྤོས། མཉམ་བཟའ་མཉམ་བསྡད་བྱ་རྒྱུ་དུས་ཡང་མེད། པུང་པ་མཉམ་ཤིབ་བྱེད་རྒྱུ་གོ་སྐབས་དོར། ཨ་ཙི་མ་ཡུམ་བྷུན་ཏར་ཧ་ཅང་དྲན། ལས་འབྲས་ངན་པ་དེ་འདྲ་ག་འདྲ་རེད། བྱ་བ་ཐམས་ཅད་མི་ཚར་ཅི་བྱེད་རེད། ད་དུང་དུས་ཡུན་ཇི་ཙམ་གནས་དགོས་རེད།