གཅིག་རྗེས་གཉིས་མཐུས་སུ་བསྲེགས་པས་ངའི་བོད།
དངོས་པོ་གང་ཞིག་ཡོད་ཀྱང་འབྱུང་ཁུངས་ནི་ཡུལ་དེ་རེད། སྲོག་ཆག་གང་ཞིག་ཡོད་ཡང་མི་ཚང་བ་མེད་པ་ཡུལ་དུ་ཡོད། གསེར་དངུལ་སོགས་པ་གཏེར་ཁ་དང་རྒྱུ་ནོར་ལོངས་སྤྱོད་དེ་རུ་ཡོད། ཡོན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་སྤྱི་ལོ་ང་དགུའི་ལོ་ནས་རྒྱ་དམར་པོས་ང་ཚོའི་མེད་དུ་མི་རུང་བའི་གངས་སེང་དཀར་མོའི་ཁ་བའི་ཡུལ་ལྗོངས་དང་རྒྱུ་ནོར་ལོངས་སྤྱོད་ཚང་མ་ལྐོག་ས་རུལ་སུང་བྱེད་པ་ལྟ་བུ་འཕྲོག་ཏུ་སོང་བ་རེད། དུས་དེ་ནས་ཟུང་གངས་ཅན་པ་གདོང་དམར་ང་ཚོ་ཆག་ས་བསྟེན་ས་མེད་པ་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་བཀའ་དྲིན་དང་གཙོ་ཆེ་ཤོས་རྒྱ་གར་རྒྱ་གར་གྱི་སྲིད་འཛིན་Jawaharlal Nehru མཆོག་གི་བཀའ་དྲིན་དང་སེམས་བཟང་བསམ་གཞི་ལ་བརྟེན་ནས་ད་ཆ་ང་ཚོ་རྒྱ་གར་ཡུལ་དུ་བཙན་བྱོལ་ལམ་སྐྱབས་བཅོལ་བ་ཞིག་གི་ངོ་བོར་གནས་ཡོད་པ་རེད།།
གལ་ཏེ་གནས་སྟངས་གང་ཡོད་མེད་ཞིབ་ཕྲ་བརྗོད་པ་ན་བརྗོད་དཀའ་བ་ཡིན་པ་གང་ཞིག་དེ་ནི་མི་བརྒྱ་ཕྲག་མང་པོའི་ལོ་རྒྱུས་བྲིས་པ་ལྟར་ཧ་ལས་པའི་རིང་པོ་ཆག་གི་འདུག་པའི་མདོར་བསྡུས་དང་གནས་ཚུལ་གལ་ཆེ་བ་རྣམས་བཀོད་པ་ཡེན་ན་བོད་ནང་གི་གནས་སྟངས་ནི་ཛ་དྲག་ལ་ཚབས་ཆེ་བ་ཞིག་ད་ལྟ་ཡོད་མུས་རེད་
དེ་འདྲ་ཡིན་དུས་ཙང་ནས་༢༠༠༩ ཟླ་བ་༢ པའི་ཚེས་༩ དཔའ་བོ་བཀྲ་བྷེ་ལགས་ཀྱེ་སྐུ་ལུས་མེར་བསྲེགས་བཏང་བ་ནས་ཟུང་ལ་བར་དུ་དཔའ་བོ་དང་དཔའ་མོ་བོད་ཕྱི་ནང་ཡོང་རྫོགས་ནས་༡༡༣་ལྷག་བྱུང་ཡོད་པ་རེད།་་་་་་་་་་་་་་་་་་་་་་་
གུས་ཀྱི་སེམས་པས་མ་བཟོད་བཞིན་དུ་བཤད་པ་ཡིན་ ༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་ལ་བཙན་བྱོལ་ཕེབས་པ་ནས་བཟུང་བོད་ནང་གི་གནས་སྟངས་རྣམས་གང་སྤྱི་ཐད་ཛ་དྲག་ཏུ་སོང་ཡོད་པ་རེད་ མཐའ་ན་མགོན་སྡེ་ཁག་དང་དེ་ནང་ཡོད་པའི་རྩ་ཆེན་གླེགས་འབུམ་དང་ཐང་ཀ་མང་པོ་མེར་བསྲེགས་བཏང་ཡོད་ལ་ཅ་དངོས་གང་ཞིག་བོད་དང་འབྲལ་བ་ཡོད་པ་མཐོང་ཚད་གཏོར་ཞིག་བཏང་གི་ཡོད་པ་རེད།
བརསྐབས་
ཞིག་ནས་མགོ་བཙུགས་ཏེ་སྟེ་ང་ཚོའི་ཁྱེད་ནོར་གྱི་སྐུ་དཔར་ཡང་རང་རའི་ཁྱིམ་དུ་ཉར་མི་ཆོག་པའི་དམ་དྲག་དང་བཀའ་བཏང་པ་རེད་་ཡིན་ན་ཡང་བོད་མི་ཚོའི་རྒྱ་དམར་པོའི་དམ་དྲག་ལ་མ་འཛེམས་པ་དང་ཞེ་སྣང་སྤོང་ནས་ད་དུང་ཡང་ཁྱིམ་དུ་ཉར་བཞིན་ཡོད་པ་རེད་ དེ་ལ་བཙན་བྱོལ་དུ་གནས་པའི་བོད་མི་ང་ཚོའི་རྗེས་སུ་ཡིད་རང་ཞུ། དམ་དྲག་དེ་ད་ལྟ་ཆ་ལ་ཡང་མུས་འཐུས་ཡོད་པ་རེད་ ཡིན་ཡང་ཚབ་ཆེ་བ་ཞིག་ལ་སྐུ་བཔར་ནང་དུ་ཡོད་པ་ཧ་གོ་ཐོས་བྱུང་ན་བསམ་བྱོ་གཉིས་གཏོང་མེད་པ་བཙོན་ལ་བཅུག་ནས་སྡུག་པོ་ཚབ་ཆེར་བཏང་གི་ཡོད་པ་རེད། ད་དུས་རྩ་ཆེན་སྲོག་ཆགས་རྣམས་ཀྱང་གསད་ནས་དེ་རྒྱུད་ཆས་གོས་བཟོད་ཀྱི་ཡོད་དང་གཏེར་ཁ་རྣམས་འཁྲུས་འཁོར་ཆེན་པོའི་བསྔོགས་ནས་ད་ཆ་བོད་ཀྱི་མཛེས་སྡུག་རྣམས་དམྱལ་བ་ཆག་ལ་ཉེ་བ་ཞིག་བཟོས་ཡོད་པ་རེད།
ད་ལྟ་དམྱལ་བ་རེད་ཞེས་བརྗོད་ན་ཡང་ཕེལ་ཆེར་ཐེ་ཚོམ་མེད་པ་རེད།
དེ་འདྲ་ཛ་དྲག་གི་དུས་ཚོད་དང་བོད་མི་རྣམས་ལ་མནར་གཅོད་བཟོད་རླག་མེད་པ་བཏང་དུས་ཁོང་ཚོའི་སེམས་པས་མི་བཟོད་པའི་བོད་རིགས་དང་གཞན་དང་མི་འདྲ་བའི་ཁྱེད་ནོར་དང་རང་དབང་རང་བཙན་ཆེད་དུ་བྱིན་གྱི་རླབས་པའི་ལུས་པོ་དེ་མེར་བསྲེགས་ལ་བསྲེགས་བཞིན་ཡོད་པ་རེད། ཁ་བ་གངས་ཅན་པ་ཁོང་ཚོའི་ལང་ཕྱོགས་དེ་འདྲ་བ་ཞིག་བླང་དུས་བཙན་བྱོལ་བཞུགས་པའི་བོད་མི་རྣམས་པའི་སྙིང་རྗེ་དང་མཆི་མ་ལྷམ་ལྷམ་འབབ་བཞིན་དུ་༧གོང་ས་མཆོག་ནས་རྩིས་པའི་བོད་དབུས་ཚོགས་པ་མང་པོའི་དབུ་མའི་ལམ་འགོ་འཛུགས་བྱེད་ཡོད་ཡང་རྒྱ་ནག་གཤན་པ་རྣམས་ལ་སྙིང་རྗེ་ཐིགས་པ་ཙམ་ཡང་མིད་པ་བོད་མི་རྣམས་ཀྱི་རེ་བ་རྣམས་ལ་ཡ་ལེན་གཅིག་ཀྱང་མེད་པ་རེད། (རྒྱ་མི་རྣམས་གཤན་པ་རེད་ཟེར་ནའང་ཕལ་ཆེར་ནོར་འཁྲུལ་མེད་པ་ངེས་པ་རེད་)
གཏམ་དཔེ་ནང་བཤད་པ་ལྟར་ནོར་འཁྲུལ་ལམ་བྱ་བ་ངན་པ་གཅིག་གི་བྱེད། བརྗོད་བྱ་ངན་པ་ཚང་མར་ཐོབ་པ་བཞིན་རེད།
དེ་ནི་བོད་མི་ང་ཚོར་བརྡ་ལེན་ཆེན་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད། དེ་སྔོན་ནས་བོད་མི་འབོར་ཉུང་ཤས་ལས་མེད་པ་ད་དུང་མེར་བསྲེགས་གཏོང་མཁན་གཅིག་རྗེས་གཉིས་མཐུས་ཀྱི་ཧ་ལས་ལས་པད་མང་པོ་སོང་གི་ཡོད་པ་རེད། མཐའ་ན་མི་གྲངས་བརྒྱ་རྒྱལ་ན་ཡང་སྐྱབས་བཅོལ་བ་ཚོས་ད་དུང་མིག་གི་བལྟས་བསྡས་པ་ལས་ལས་འགུལ་དམིགས་བསལ་བ་གང་ཡང་སྤེལ་མ་ཐུབ་པ་དེ་སེམས་སྐྱོ་དགོས་པ་ཞིག་རེད།
གཅིག་རྗེས་གཉིས་ཐུས་བསྲེགས་བཞིན་འདུག།
མི་ལྩེ་ལྷམ་ལྷམ་འབར་བཞིན་འདུག།
བྱིན་གྱི་རླབས་པའི་རྩ་ཆེན་སྲོག།
དེ་འདྲ་གློད་པ་སྙིང་རེར་རྗེ།
རོགས་ཞིག་མཛོད་དང་ང་ཚོ་ལ།
མཉམ་འགྲེལ་རྒྱལ་ཚོགས་གང་དུ་ཡོད།
གནས་གཏང་རྗེ་སྡུག་སོང་བཞིན་འདུག།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
Comments
Post a Comment