གཞིས་ལུས་དཔའ་བོའི་སྙིང་སྟོབས།།



སྙིང་སྟོབས་ཆེ་བའི་དཔའ་བོ་རྣམས། རྒྱལ་ཁབ་དོན་དུ་རང་སྲོག་གློད།
རང་ལུས་མེ་རུ་བསྲེགས་ན་ཡང། ཚ་ཟུག་མེད་པ་འབོད་སྒྲ་བསྒྲགས།།

 ཁྱེད་ཚོའི་སྒྲོག་པའི་འབོད་སྒྲ་ནི། འཛམ་གླིང་ཀུན་ཏུ་ཁྱབ་ཡོད་ཀྱང། 
མཉམ་འགྲེལ་རྒྱལ་ཚོགས་སྙན་ལམ་དུ། འབྱོར་བའི་འབད་ལ་བརྩོན་བཞིན་ཡོད།།


འུ་ཅག་བཙན་བྱོལ་བོད་མི་ནས། དཔའ་བོ་དཔའ་མོའི་སྙིང་སྟོབས་ལ།
མར་མེ་མཆོད་མེད་འབུལ་བཞིན་ཡོད། ལས་འགུལ་སྣ་འཛོམས་སྤེལ་བཞིན་ཡོད།།

 ཁྱེད་ཅག་དཔའ་བོའི་ཚེ་སྲོག་དང། ཞུམ་པ་མེད་པའི་སྙིང་སྟོབས་ལ། 
བོད་ཀྱེ་སྲོལ་རྒྱུན་རྒྱལ་རབས་ནང། དྲན་མེད་བསལ་བ་ངེས་ཡོད་འདུག།།

ངེད་ཅག་བཙན་བྱོལ་བོད་མི་ནས། མིག་གཉིས་མཆི་མས་ཁེངས་ནས་ནི།
ཞུ་མར་ལག་ཏུ་འཁྱེར་བ་དང། བདེན་ཚིག་སྨོན་ལམ་འདོན་བཞིན་ཡོད།།








Comments